Press Release Archives Press Release Archives

National Clinical Management Protocol based on Ayurveda and Yoga (Dzongkha)

AYUSH ལྷན་ཁག། རྒྱ་གཞུང་།

ཀོ་ཝིཊ-༡༩་གདོང་ལེན་རྒྱལ་ཡོངས་སྨན་བཅོས་འཛིན་སྐྱོང་གྱི་དོན་ལུ་་གཞི་ཨར་ཡུ་ཝེ་དྷ་དང་ཡོ་གཱ་ལུ་བཞག་སྟེ་བཟོ་བའི་ གྲོས་མཐུནཡིག་ཆ།

ངོ་སྤྲོད།

ཀོ་ཝིཊ་-༡༩ གིས་ རྒྱལ་སྤྱི་གསོ་བའི་དཀའ་ངལ་སྦོམ་བཟོ་ཡོདཔ་མ་ཚད་ སྔར་མེད་པའི་མི་མང་གསོ་བ་ལུ་ཡང་ གློ་བུར་ཉེན་འཚུབ་བཀལ་ཡོདཔ་ཨིན། ནད་གཞི་འདི་གིས་ནད་ཟུན་ཟུནམ་དང་ཤི་རྐྱེན་འབྱུང་མི་གྱངས་ཁ་འདིན་ འཛམ་གླིང་ནང་ཉིན་ལྟར་བཞིན་དུ་ཡར་སེང་འགྱོ་སྟེ་ཡོད། མི་སྡེ་དང་དཔལ་འབྱོར་གྱི་ཆ་རྐྱེན་མང་རབས་ཅིག་གི་རྩ་བརླག་གནས་སྟངས་ལས་བརྟེན་ སྤྱིར་གཏང་གི་གནས་སྟངས་འདི་འཚུབ་དྲགས་ཅན་ལུ་འགྱུར་ཏེ་ཡོད། ནད་གཞི་ཟུན་ཟུནམ་ཚུ་ ནུས་པ་ཅན་གྱི་འགོ་ལས་འཛིན་སྐྱོང་འབད་དེ་གདོང་ལེན་འབད་ནི་འདི་ ད་ལྟོའི་བར་དུ་གོང་འཕེལ་འགྱོ་བཞིན་དུ་ཡོདཔ་དང་ གནད་ཚད་བདག་འཛིན་གི་ཐོག་ལས་སྔར་སྲོལ་ཐབས་ཤེས་ཚུ་ཡང་གཅིག་བསྒྲིལ་འབད་ནའི་དཔའ་བཅམ་དོ།

ཨ་ཡུར་ཝེ་དཱ་དང་ཡོ་གཱ་(རྩ་རླུང་སྒོམ་སྦྱང་)གིས་ བཀག་ཐབས་ཀྱི་ཐབས་ཤེས་ གསོ་བའི་ལྷན་ཁག་དང་བཟའ་ཚང་ཕན་བདེ་གི་ལམ་སྟོན་ནང་འབྱིན་ཡོད་མི་དེ་ ངེས་པར་དུ་སྤེལ་ནི་ལུ་ལཱ་འབད་འོང་། ད་ལྟོ་གི་གནས་སྟངས་བཟུམ་ནང་ ཀོ་ཝིཊ་-༡༩ གི་སྐོར་ཧ་གོ་ཐངས་བཟུམ་ཅིག་འབད་བ་ཅིན་ རང་སོའི་གཟུགས་ཁམས་ཀྱི་ནད་ཐུབ་སྒྲིང་སྒྲིང་ཡོད་པ་ཅིན་ ནད་གཞི་ཟུན་ནི་ལས་ཟློག་ཐབས་དང་ ནད་འབུ་གིས་ཟུན་ནི་ལས་བཀག་ཐབས་འབད་ཚུགས་པའི་ཁེ་ཕན་ཡོདཔ་སྦེ་ཤེས་རྟོགས་འབྱུང་ཡོད།

གྲོས་མཐུན་ཟིན་འབྲི་འདི་ འོག་གི་ཁྱོད་ཆོས་གསུམ་ལུ་ གཞི་བཞག་སྟེ་བཟོ་བཟོཝ་ཨིན།

༡༽ སྔར་ཁྱུན་ཨར་ཡུ་ཝེ་དཱ་ལས་འབྱུང་བའི་ཡོན་ཏན་དང་ ནདཔ་བརྟག་དཔྱད་འབད་མི་ལས་ འབྱུང་བའི་ཉམས་མྱོང་།

༢༽ ཞིབ་འཇུག་གི་སྒྲུབ་བྱེད་དང་སྐྱེ་ལྡན་གྱི་བདེན་ཉམས།

༣༽ ནདཔ་བརྟག་དཔྱད་གྱི་ཞིབ་འཚོལ་ལས་འཐོན་བཞིན་ཡོད་པའི་འགྲོས།

མོས་མཐུན་གྱི་ཡིག་ཆ་འདི་ AIIA གི་མཁས་མཆོག་ཚོགས་ཆུང་དང་ IPGTRA, CCRAS, CCRYN དེ་ལས་གཞན་རྒྱལ་ཡོངས་ཀྱི་ཞིབ་འཚོལ་ལས་ཁུངས་ཚུ་གིས་བཟོ་ཡོདཔ་ཨིན། འ་ནི་གྲོས་མཐུན་ཡིག་ཆ་འདི་ ཚབས་ཆེན་མེན་པའི་ ཀོ་ཝིཊ-༡༩ གདོང་ལེན་འབད་ནི་གི་དོན་ལུ་ཨིན། ནད་འབྲིང་པོ་ལས་ཚབས་ཆེན་བར་ ཀོ་ཝིཊ-༡༩ གིས་ནཱ་མི་ཚུ་ལུ་ ཧ་གོ་བའི་སྨན་བཅོས་གདམ་ཁ་ཡོད། འཚུབ་དྲགས་ཅན་གྱི་གནད་སྟངས་ཚུ་འབདན་འདྲི་བསྟུན་འབད་ནི།

འ་ནི་གྲོས་མཐུན་ཡིག་ཆ་དང་ དེའི་ཟུར་སྦྲགས་ཡིག་ཆ་ཚུ་སྣ་མང་སློབ་ཚན་ཚོགས་ཆུང་གི་ཁྲི་འཛིན་གྱིས་ངོས་ལེན་འབད་ཡོདཔ་དང་ དེ་ཡང་ཨར་ཡུ་ཝེ་དཱ་དང་ཡོ་གཱ་གཉིས་ ཀོ་ཝིཊ་བཀག་འཛིན་གྱི་གྲངས་སུ་བཙུགས་ནི་གི་དོན་ལུ་ དབང་ཆ་སྤྲོད་པའི་Interdisciplinary Ayush ཞིབ་འཚོལ་དང་གསར་བཟོ་ལས་བྱེད་ཚོགས་ཆུང་གིས་་ངོས་ལེན་འབད་ཡོདཔ་ཨིན། དེ་ཚོགས་ཆུང་གཉིས་ཆ་ར་ AYUSH ལྷན་ཁག་གིས་བཙུགས་ཡོདཔ་ཨིན།

སྤྱིར་བཏང་དང་དངོས་ཁམས་ཀྱི་ཐབས་ལམ།

༡༽ མི་སོ་སོའི་བར་ན་ས་སྟོང་བཞག་ནི་དང་ དབུགས་གཏོང་ལེན་དང་ལགཔ་འཁྱུ་སྟེ་གཙང་སྦྲ་སྟོན་ནི་ དེ་ལས་ཁ་རས་སྤུར་ནི།

༢༽ ཆུ་ནང་ཡོངས་ལཱ་དང་ཚྭ་བླུགས་ཏེ་ལྐོདམ་བཤལ་ནི། ཆུ་ནང་ Triphala ( Embilica officinalis, Terminalia Chebula, Terminalia bellerica) ཡང་ཅིན་ Yashtimadhu ལ་སོགས་པའི་ཤིང་འབྲས་སྐམ་སྐམ་ བླུགས་ཏེ་འཁོལ་བའི་ཤུལ་ ལྐོདམ་གར་གར་འབད་དགོ།

༣༽ ལྷ་པ་བཙུགས་སྒྲིག་ཟེར་མི་ སྨན་བླུགས་པའི་སྣུམ་ ( Anu taila or Shadbindu Taila) ཡང་ཅིན་ སྣུམ་ཉག་གཅིག་ ཏིལ་མར་དང་ བེ་ཏའི་རྡོག་མཡང་ན་ལྷ་པ་ལུ་བླུགས་ནི་གི་ བའི་མར་ (Goghrita) ཉིནམ་གཅིག་ལུ་ ཚར་གཅིག་འབད་རུང་གཉིས་འབད་རུང་དབུར་དགོཔ་དང་ དེ་མེན་རུང་ རང་གི་ཁྱིམ་ནང་ལས་ཕྱི་ཁར་འགྱོ་བའི་སྐབས་དང་ ལོག་ཕྱི་ཁ་ལས་རང་གི་ཁྱིམ་ནང་ལྷོད་པའི་སྐབས་དབུར་དགོ།

༤༽ ཉིནམ་གཅིག་ལུ་ Ajwain(Trachyspermum ammi) ཡང་ན་ Pudina དང་ད་རུང་ Eucalyptus གིས་མར་ཚུ་བླུགས་ཏེ་ རླངསམ་དབུགས་ལེན་ཚར་རེ་འབད་དགོ།

༥༽ དུས་ཡུན་ཆུ་ཚོད་ ༤-༩ གི་རིང་སྐྱིད་ཏོང་ཏོ་འབད་ཉལ་དགོ།

༦༽ ལུས་སྦྱོང་མངམ་འབད་དགོ།

༧༽ ཟུར་ཤོག་-༡ པ་ནང་ཡོད་པའི་ ཀོ་ཝིཊ་-༡༩ ཟློག་ཐབས་ཡོ་གཱ་གི་ལམ་ལུགས་ཚུ་དང་ ཟུར་ཤོག་-༢ པ་ནང་ཡོད་པའི་ ནད་གཞི་ཐོབ་པའི་ཤུལ་ལུ་བདག་འཛིན་འབད་ཐབས་ཚུ་ལུ་གནས་དགོ།

བཟའ་འཐུང་ཐབས་ལམ།

༡༽ འཐུང་ནའི་དོན་ལུ་ ཆུ་དྲོ་ཏོག་ཏོ་ལག་ལེན་འཐབ་ནི་དང་ ཡང་ཅིན་ ཆུ་ནང་སྔོ་སྨན་གྱི་རིགས་ ས་སྒ་ (Zinginer Officinale) འོད་སི་(Coriandrum satvivum) ཏུལ་སི་ (Ocimum sanctum/Ocimum basilicum) གོ་རྙོད་ཀྱི་སོན་ (Cuminum cyminum) ལ་སོགས་པ་ཚུ་ ལག་ལེན་འཐབ་དགོ།

༢༽ གསརཔ་དང་ཚ་དྲོད་རན་ཏོག་ཏོ་ དེ་ལས་ བཞེས་སྒོ་བཅུད་ཅན་ཚུ་བཟའ་དགོ།

༣༽ ནུབམོ་གཅིག་ལུ་Golden ཟེར་མི་ཨོམ་ཕྱེ་ མི་ལི་ལི་ཀྲར་ ༡༥༠ འབད་མི་ཚར་རེ་འཐུང་དགོ། (ཧལ་དི་ཐུརམ་ཕྱེད་ཀ་ (Curcuma longa) ཞུ་མ་ཚུགས་པའི་ནཱ་ཚ་ཡོད་པ་ཅིན་འཐུང་ནི་ལས་འཛེམ་དགོ།

༤༽ Ayush Kadha or Kwath(hot infusion or decoction) ཉིནམོ་གཅིག་ལུ་ཚར་རེ་འཐུང་དགོ།