Press Release Archives Press Release Archives

Common Yoga Protocol - Dzongkha

Common Yoga Protocol (Dzongkha)

སྤྱིར་བཏང་ཡོ་གའི་བྱ་ལུགས་ག་ཅི་སྨོ?

སྤྱིར་བཏང་ཡོ་གའི་བྱ་ལུགས་ཟེར་མི་འདི་ ཡོ་ག་ས་ནའི་(Yogasanas) དམིགས་བསལ་གྱི་རིམ་པ་ སྐར་མ་ ༤༥ འབད་ཡོདཔ་དང་ འ་ནི་འདི་ རྒྱལ་སྤྱི་ཡོ་གའི་ཉིནམ་བརྩི་སྲུང་ཞུ་ནིའི་དོན་ལུ་གཙོ་བོ་ཅིག་ཨིན། དེ་ནི་རྒྱ་གར་ལུ་ཡོད་པའི་ཡོ་ག་ཉམས་ལེན་པ་མཁས་མཆོག་ཚུ་གིས་སྤྱི་ལོ་ ༢༠༡༥ ལུ་བརྩམ་གནང་ནུག།

རྒྱལ་སྤྱི་ཡོ་གའི་ཉིནམོ་དེ་ཁར་ མི་མང་ལུ་ ཡོ་ག་འགྲེམས་སྟོན་གཅིག་མཚུངས་སྦེ་འབད་ནི་ལུ་ཁག་ཆེ་བར་དགོངས་སྟེ་ཨིནམ་དང་ དེ་གིས་ཡོ་ག་ཉམས་ལེན་འགོ་བཙུགས་མི་ཚུའི་དོན་ལུ་ངོ་སྤྲོད་ཀྱི་དོན་ལུ་ asanas ག་ར་གཅིག་ཁར་བསྡུ་ཞིནམ་ལས་བཟོ་ཡོདཔ་ཨིན།

དེ་ཡང་མི་རྒས་གཞོན་མེད་པ་ ཕྱག་འགན་ག་བཟུམ་བཞེས་མི་ཨིན་རུང་ ལྷབ་སྦྱང་འབད་ཚུགས་ཐབས་དང་ དེ་ལས་བརྟེན་པའི་གཟུགས་ཁམས་འཕྲོད་བསྟེན་གྱི་ཁེ་ཕན་ཚུ་མྱོངས་ཚུགས་ཐབས་ལུ་དམིགས་སྟེ་ཟབ་ཞིབ་ལྡན་པའི་འགོ་ལས་བརྩམ་གནང་ཡོདཔ་ཨིན། འདས་པའི་ལོ་ངོ་ ༦ གི་རིང་ལུ་ སྤྱིར་བཏང་ཡོ་གའི་བྱ་ལུགས་ འདི་སྔོན་འགྲོའི་ཡོ་ག་ཉམས་ལེན་པ་ཚུ་ལུ་དར་ཁྱབ་ཆེ་ཏོག་ཏོ་འབད་འབྱུང་ཡོདཔ་ཨིན། དེ་མ་ཚད་ ཡོ་གའི་སྐོར་ལས་མི་དམངས་ལུ་གོ་བརྡ་སྤེལ་ནིའི་དོན་ལུ་ཡང་དམིགས་གཏད་བསྐྱེད་དེ་བཟོ་བཟོཝ་ཨིན། རྒྱལ་སྤྱི་ཡོ་གའི་ཉིནམ་དེ་ནི་ དབྱིན་ཟླ་ ༦ པའི་དབྱིན་ཚེས་༢༡ ལུ་ཨིནམ་བཞིན་དུ་ དེ་ཁར་སྤྱིར་བཏང་ཡོ་གའི་བྱ་ལུགས་འདི་ དྲོ་པའི་ཆུ་ཚོད་ ༧-:༣༠ ཚུན་གྱི་རིང་སྤྱན་འབུལ་ཞུ་ནི་ཨིན། དེ་སྦེ་འབད་དགོ་མི་འདི་གཙོ་བོ་རང་ རྒྱལ་ཁབ་མཐའ་དབུས་མེད་པར་ ག་ར་གཅིག་མཚུངས་སྦེ་ཡོ་ག་རྐྱབ་སྟེ་ རྒྱལ་སྤྱི་ཡོ་གའི་ཉིནམ་བརྩི་སྲུང་ཞུ་ནིའི་དོན་ལུ་ཨིན། དྲོ་པའི་ཆུ་ཚོད་ ༧:༣༠ ལས་ ལས་རིམ་འགོ་འདྲེན་པའི་ཧོང་ལས་བཟོ་ཡོད་པའི་ དུས་ཡུན་སྐར་མ་ ༡༥ གི་ལས་རིམ་ ཡོ་གའི་འགྲེམས་སྟོན། གསལ་བཤད་དང་སྨོན་ལམ་གྱི་རིགས་ཚུ་སྤྱན་འབུལ་ཞུ་འོང་། རྒྱལ་སྤྱི་ཡོ་གའི་ཉིནམ་འདི་ དྲོ་པའི་ཆུ་ཚོད་ ༧-༨ ཀྱི་བར་དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་བརྩི་སྲུང་ཞུ་ནི་ཨིན། རྒྱལ་སྤྱི་ཡོ་གའི་ཉིནམོ་འདི་ སྤྱིར་བཏང་ཡོ་གའི་བྱ་ལུགས་ ལུ་གཞི་བཟུང་སྟེ་ སྡེ་ཚན་གྱི་ཡོ་ག་འགྲེམས་སྟོན་ཐོག་ལུ་ཨིནམ་ལས་ ལས་རིམ་འགོ་འདྲེན་པའི་ཧོང་ལས་ སྤྱིར་བཏང་གི་མི་སེར་ཚུ་དང་ ལས་རིམ་འདི་ནང་བཅའ་མར་གཏོགས་མི་ཡོངས་ལུ་ སྤྱིར་བཏང་ཡོ་གའི་བྱ་ལུགས་ གོམས་འདྲིས་ཚུད་བཅུག་ཐམས་ལུ་ ཐབས་ཤེས་གང་དྲགས་ཀྱི་ཐོག་ལས་རྩ་འགེངས་འོང་། སྤྱིར་བཏང་ཡོ་གའི་བྱ་ལུགས་ གྱི་ལས་རིམ་འདི་ དུས་ཡུན་སྐར་མ་ ༤༥ གི་རིང་ལུ་ཨིནམ་ལས་ མཁས་མཆོག་ཚུ་གིས་ དུས་ཡུན་དེམ་ཅིག་གི་རིང་ལུ་བཅའ་མར་གཏོགས་ཐབས་ལུ་ གྲ་སྒྲིག་དང་སྦྱང་བ་ཡང་དུས་ཡུན་ཆུ་ཚོད་ ༡༥ འབད་དགོཔ་སྦེ་གསུངས་ཡོདཔ་ཨིན། (རབ་ཏུ་འབྱུང་ན་ ཉིན་རེ་བཞིན་དུ་ ཆུ་ཚོད་ ༡ གི་རིང་སྦྱང་བ་འབད་དགོཔ་ཨིན།ག་དེ་འབད་རུང་ མི་གང་རུང་གིས་གོམས་འདྲིས་ཀྱི་ལས་རིམ་ནང་ དུས་ཡུན་ཆུ་ཚོད་ ༥ གི་རྩིས་བཅའ་མར་གཏོགས་ཏེ་འབད་རུང་ མི་འདི་གིས་བློས་ཕོག་ཡིད་ཕོག་གི་འགོ་ལས་ སྤྱིར་བཏང་ཡོ་གའི་བྱ་ལུགས་འགྲེམ་སྟོན་ནང་ བཅའ་མར་གཏོགས་ནི་གི་སེམས་དང་ལྡན་པ་ཅིན་ འཛུལ་བཞུགས་འབད་རུངམ་ཨིན།

ཁེ་གུད་ཡོོད་པའི་ལས་སྡེ་དང་ ལས་རིམ་འགོ་འདྲེན་པ་ག་ར་གིས་ སྤྱིར་བཏང་ཡོ་གའི་བྱ་ལུགས་ སྦྱོང་བརྡར་དང་ལྷབ་སྦྱང་འབད་ནི་འདི་ རྒྱལ་སྤྱི་ཡོ་གའི་ཉིནམོ་བརྩི་སྲུང་ཞུ་ནིའི་མཆེད་དུ་ གལ་ཆེཝ་འབད་བརྩིསཝ་ཨིན།

འདས་པའི་ལོ་ངོ་ ༦ གི་ཉམས་མྱོང་ལྟར་དུ་འབད་བ་ཅིན་ རྒྱལ་སྤྱི་ཡོ་གའི་ཉིནམ་ལུ་ སྤྱིར་བཏང་ཡོ་གའི་བྱ་ལུགས་ གི་ལས་རིམ་ནང་བློས་ཕོག་ཡིད་ཕོག་འབད་བཅའ་མར་གཏོགས་མི་མང་ཤོས་ཅིག་གིས་ དམིགས་གསལ་གྱི་ཉིནམོ་འདི་ཁར་རྐྱངམ་གཅིག་མ་ཡིན་པར་ དུས་རྒྱུན་དུ་ཉམས་ལེན་འབད་ས་མཇལཝ་ཨིན་པས།

འདི་འབདཝ་ལས་ རྒྱལ་སྤྱི་ཡོ་གའི་ཉིནམོ་ལུ་གྲལ་གཏོགས་འབད་མི་འདི་གིས་ རང་སོའི་མི་ཚེ་ནང་ དུས་རྒྱུན་དུ་ཡོ་ག་ཉམས་ལེན་འབད་ནིའི་དོན་ལུ་ འགོ་བཙུགས་ནི་གི་ ལམ་བཟང་པོ་ཅིག་ཨིན་ནོ།།

*****